2019年5月30日 星期四

隨念三寶經

འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ།།
隨念三寶經

རྒྱ་གར་སྐད་དུ།   ཨརྱ་རཏྣ་ཏྲ་ཡ་ཨ་ནུ་སྨྲྀ་ཏི་ནཱ་མ་སུ་ཏྲ།   བོད་སྐད་དུ།   འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ།   ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།   རིག་པ་དང་ཞབས་སུ་ལྡན་པ།   བདེ་བར་གཤེགས་པ།   འཇིག་རྟེན་མཁྱེན་པ།   སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།   བླ་ན་མེད་པ།   ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ།  དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ།   བཟོད་པ་དག་གིས་རབ་ཏུ་བརྒྱན་པ།   བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི།   དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ།   མཚན་རྣམས་ཀྱི་མེ་ཏོག་རྒྱས་པ།   སྤྱོད་ཡུལ་རན་པར་མཐུན་པ།   མཐོང་ན་མི་མཐུན་པ་མེད་པ།   དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ།   ཤེས་རབ་ཟིལ་གྱིས་མི་གནོན་པ།   སྟོབས་རྣམས་ལ་བརྫི་བ་མེད་པ།   སེམས་ཅན་ཐམས་ཅད་ཀྱི་སྟོན་པ།   བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ།   འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ།   མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན།   ཡེ་ཤེས་དཔག་ཏུ་མེད་པ།   སྤོབས་པ་བསམ་གྱིས་མི་ཁྱབ་པ།   གསུང་རྣམ་པར་དག་པ།   དབྱངས་སྙན་པ།   སྐུ་བྱད་བལྟ་བས་ཆོག་མི་ཤེས་པ།   སྐུ་མཚུངས་པ་མེད་པ།   འདོད་པ་དག་གིས་མ་གོས་པ།   གཟུགས་དག་གིས་ཉེ་བར་མ་གོས་པ།   གཟུགས་མེད་པ་དག་དང་མ་འདྲེས་པ།   སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ།   ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ།   ཁམས་རྣམས་དང་མི་ལྡན་པ།   སྐྱེ་མཆེད་རྣམས་བསྡམས་པ།   མདུད་པ་རྣམས་ཤིན་ཏུ་བཅད་པ།   ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ།   སྲིད་པ་ལས་གྲོལ་བ།   ཆུ་བོ་ལས་བརྒལ་བ།   ཡེ་ཤེས་ཡོངས་སུ་རྫོགས་པ།   འདས་པ་དང༌།   མ་བྱོན་པ་དང༌།   ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ།   མྱ་ངན་ལས་འདས་པ་ལ་མི་གནས་པ།   ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ།   སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ།   འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ།།

頂禮一切智智尊!

  如是佛陀薄伽梵者,謂:如來、應供、正等覺、明行圓滿、善逝、世間解、無上士調禦丈夫、天人師、佛、薄伽梵。諸如來者,是福等流,善根無盡。安忍莊嚴,福藏根本,妙好間飾,眾相花敷,行境相順,見無違逆。信解歡喜,慧無能勝,力無能屈。諸有情師,諸菩薩父,眾聖者王,往涅槃城者之商主。妙智無量,辯才難思,語言清凈,音聲和美;觀身無厭,身無與等。不染諸欲,不染眾色,不染無色。解脫眾苦,善脫諸蘊,不成諸界,防護諸處。永斷諸結,脫離熱惱,解脫愛染,越眾瀑流。妙智圓滿;住去、來、今諸佛世尊所有妙智;不住涅槃,住真實際。安住遍現一切有情之地。是為如來正智殊勝功德。

དམ་པའི་ཆོས་ནི་ཐོག་མར་དགེ་བ།   བར་དུ་དགེ་བ།   ཐ་མར་དགེ་བ།   དོན་བཟང་པོ།   ཚིག་འབྲུ་བཟང་པོ།   མ་འདྲེས་པ།   ཡོངས་སུ་རྫོགས་པ།   ཡོངས་སུ་དག་པ།   ཡོངས་སུ་བྱང་བ།   བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ།   ཡང་དག་པར་མཐོང་བ།   ནད་མེད་པ།   དུས་ཆད་པ་མེད་པ།   ཉེ་བར་གཏོད་པ།   འདི་མཐོང་བ་ལ་དོན་ཡོད་པ།   མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ།   བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་སྟོན་པ།   ངེས་པར་འབྱུང་བ།   རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ།   མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ།   བརྟེན་པ་ཡོད་པ།   རྒྱུ་བ་བཅད་པའོ།།
    正法者,謂:善說梵行。初善、中善、後善。義妙、文巧。純一、圓滿、清凈、鮮白。佛、薄伽梵,善說法律。正得,無病,時無間斷。極善安立,見者不空,智者各別內證。法律善顯。決定出離,趣大菩提。無有違逆,成就和順;具足依止,斷流轉道。

ཐེག་པ་ཆེན་པོའི་དགེ་འདུན་ནི།   ལེགས་པར་ཞུགས་པ།   རིགས་པར་ཞུགས་པ།   དྲང་པོར་ཞུགས་པ།   མཐུན་པར་ཞུགས་པ།   ཐལ་མོ་སྦྱར་བའི་འོས་སུ་གྱུར་པ།   ཕྱག་བྱ་བའི་འོས་སུ་གྱུར་པ།   བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྦྱིན་པའི་གནས་སུ་གྱུར་པ།   ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་བྱ་བའི་མདོ་རྫོགས་སོ།།

聖僧者,謂:正行、應理行、質直行、和敬行。所應合掌,所應禮敬。清凈功德,凈諸信施。所應惠施,普應惠施。

沒有留言:

張貼留言