2022年6月18日 星期六

【淨除業障百咒功德】008.བྷྲཱུྃ་ཞེས་པའི་ཕན་ཡོན། 哲母咒的功德

 


ལས་སྒྲིབ་རྒྱུན་གཅོད་ཀྱི་སྔགས་བརྒྱ་པ་བཞུགས་སོ།། 

ཡིད་བཞིན་ནོར་བུ་ཆེན་པོ་འདི་ཁོ་ནའོ།།


淨除業障百咒功德


ཀུན་མཁྱེན་མི་ཕམ་རིན་པོ་ཆེས།

麥彭仁波切·著

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

索達吉堪布·翻譯


ཡང་རྒྱུད་ འཇམ་དཔལ་རྩ་བའི་རྟོག་པ་ དེ་ལས་གཞན་ཡང་ཇི་ལྟར་ཐམས་ཅད་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ཡིན་པ་དེ་བཞིན་དུ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ཀྱི་རྒྱལ་པོ། བསྟན་པ་ནུབ་པ་རྩོད་པའི་དུས་འདི་ལ་བཅོམ་ལྡན་འདས་གཙུག་ཏོར་འཁོར་ལོས་བསྒྱུར་བ་ཉིད་སྲུང་བ་གཅིག་པུར་འགྱུར་ཞིང་དུས་ཐམས་ཅད་དུ་གྲུབ་པར་འགྲོ་བ་སངས་རྒྱས་བཅོམ་ལྡན་འདས་མངོན་སུམ་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འདུས་པ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པ་འདི་ལན་གཅིག་བཟླས་པས་སྡིག་པ་ཐམས་ཅད་ཞི་ཞིང་རེ་བ་ཡིད་བཞིན་དུ་རྫོགས་པར་བྱེད་པ་སོགས་ཕན་ཡོན་དང་། དེ་ལ་བརྟེན་པའི་ལས་ཀྱི་ཚོགས་ཤིན་ཏུ་མང་པོར་གསུངས་པ་ནི་འདི་ལྟ་སྟེ།


《文殊根本續》又說:此外,一切中最為殊勝者即佛陀出有壞,同樣,世間與出世間的諸咒之王,在末法諍時,頂髻轉輪佛變成唯一守護文字,一切時分可得成就,是佛陀出有壞真實現前,攝集如來法藏,盡除一切業障,持誦一遍也能滅盡所有罪業,能如意滿願,


བྷྲཱུྃ།  འདི་ལ་རྡོ་རྗེ་སྙིང་པོ་རྒྱན་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་འཁོར་ལོས་བསྒྱུར་བ་ཆེན་པོ་ཞེས་པ་དང་གསང་འདུས་ལས་ཡེ་ཤེས་རྡོ་རྗེའི་སྙིང་པོ་ཞེས་གསུང་པའི་སྔགས་འདི་ལན་གཅིག་གིས་བདག་སྲུང་། གཉིས་པས་གཞན་སྲུང་། གསུམ་པས་རྫས་སྲུང་། བཞི་པས་ཡུལ་སོགས་འདོད་པ་བཞིན་དུ་སྲུང་སྟེ། འདིས་དཔག་ཚད་ལྔའི་ནང་ཚུན་ཚད་དུ་རང་གིས་འདོད་པའི་ལྷ་མ་གཏོགས་པ་ལྷ་གཞན་དག་ཀྱང་གནས་པར་མི་འགྱུར་ན་བགེགས་ལྟ་ཅི་སྨོས་ཞེས་སོགས་གསུངས་སོ། །


此續中宣說了咒諸如此類的功德以及依靠它的許多事業。關於此,《金剛藏莊嚴續》中稱謂一切善逝智慧大轉輪。《密集續》中稱之為智慧金剛藏。一次持誦這一咒語保護自己,念誦兩遍護佑他眾,三遍持誦守護財產,念誦四遍能如願保衛領土等。在五由旬之內欲天以外的其他天眾也不能存在,更何況說其他魔障了。


ཡེ་ཤེས་དྲི་མེད་ཀྱིས་བསྒྲིགས།

益西智麥遍

沒有留言:

張貼留言