2019年5月28日 星期二

皈依中圍——光焰明現心鏡

སྐྱབས་འགྲོའི་ཚོགས་ཞིང་གསལ་འདེབས།
皈依中圍——光焰明現心鏡


རང་ཉིད་འདུག་པའི་ས་ཕྱོགས་རིན་པོ་ཆེ། །སྣ་ཚོགས་ལས་གྲུབ་ཞིང་ཁམས་མཛེས་ཡིད་འོང་།།
自居方所勝意寶,諸成剎土現悅妙,

དེ་དབུས་དཔག་བསམ་སྡོང་པོ་ཡལ་ག་ལྔ། །ལོ་འདབ་མེ་ཏོག་འབྲས་བུས་བརྒྱན་པ་ལ།།
中如意樹具五枝,眾葉花果莊嚴上,

རིན་ཆེན་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་ཀྱིས། །རབ་བརྒྱན་མཁའ་དབྱིངས་ཁྱབ་པའི་དབུས་ཀྱི་ཆར།།
珠寶網鬘鈴鐸等,莊嚴遍布虛空中,

སེང་གེས་བཏེགས་པའི་རིན་ཆེན་ཁྲི་སྟེང་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་དབུས།།
雄獅法台寶座上,眾妙蓮花日月墊,

སྐྱབས་ཀུན་འདུས་པའི་དྲིན་ཅན་བླ་མ་ཉིད། །ཨོ་རྒྱན་རྡོ་རྗེ་འཆང་དབང་ཡུམ་བཅས་ཀྱི།།
皈依總集至恩師,金剛持王佛母俱,

རྣམ་པར་གསལ་བའི་སྤྱི་བོར་ཐོག་བརྩེགས་སུ། །ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་འཇིགས་མེད་གླིང་།།
此相現觀頂重樓,遍集如來吉美林,

དཀར་ཆས་སེམས་ཉིད་ངལ་གསོའི་དབུ་གཙུག་ཏུ། །དྲི་མེད་འོད་ཟེར་དགེ་སློང་ཆ་ལུགས་ཅན།།
咒依心息梵頂上,直美沃色比丘現,

དེ་སྟེང་མཚོ་རྒྱལ་དམར་མོ་མཁའ་འགྲོའི་ཆས།། དེ་སྟེང་བཻ་རོ་པཎ་གྲུབ་ཆ་བྱད་ཅན།།
頂紅措嘉空行相,貝若成就班智相,

དེ་སྟེང་ཁྲི་སྲོང་རྒྱལ་པོའི་ཚུལ་ཅན་བཞུགས།  །དེ་ཡི་སྤྱི་གཙུག་བི་མ་པཎ་གྲུབ་ཆས།།
赤松國王遊舞坐,頂上布瑪班智相,

དེ་སྟེང་ཛྙཱ་ན་སུ་ཏྲ་འཇམ་དཔལ་བཤེས། །ཤྲཱི་སེང་རྣམ་གསུམ་ཧེ་རུ་ཀ་ཡི་ཆས།།
嘉納色紮蔣巴西, 西日三者嘿日嘎,

དེ་སྟེང་དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཆས། །དེ་སྟེང་རྡོར་སེམས་ལོངས་སྐུའི་ཆ་ལུགས་ཅན།།
極喜金剛化身相, 金剛薩埵報身住,

དེ་སྟེང་ཀུན་བཟང་མཐིང་གསལ་ཡུམ་དང་བཅས། །འོད་ལྔའི་གུར་ཁྱིམ་འཇའ་ཚོན་དྲྭ་བའི་ཀློང་།།
普賢藍明佛母俱, 五色幕帳虹光間,

རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་གསལ།  །དེ་མཐར་ཡི་དམ་དཔའ་བོ་མཁའ་མགྲོས་བསྐོར།།
明觀心髓傳承師, 本尊空行勇士繞,

མདུན་གྱི་ཡལ་གར་བཅོམ་ལྡན་ཤཱཀྱ་ཐུབ། །ཕྱོགས་དུས་རྒྱལ་བ་རྣམས་ཀྱིས་བསྐོར་བར་བསམ།།
前枝釋迦出有壞, 諸佛圍繞現明然,

གཡས་ཀྱི་ཡལ་གར་རྒྱལ་སྲས་འཇམ་དཔལ་ལ། །ཉེ་སྲས་བྱང་སེམས་དགེ་འདུན་རྣམས་ཀྱིས་བསྐོར།།
右枝佛子聖文殊, 近行菩薩僧環繞,

གཡོན་གྱི་ཡལ་གར་མཆོག་ཟུང་རྣམ་གཉིས་ལ། །ཉོན་ཐོས་དགེ་འདུན་འཕགས་ཚོགས་རྒྱ་མཚོས་བསྐོར།།
左枝語生二勝尊, 聲聞聖僧海圍繞,

རྒྱབ་ཀྱི་ཡལ་གར་འོད་ཀྱི་དྲཱ་བའི་ཀློང་། །རྫོགས་ཆེན་རྒྱུད་དང་བཀའ་བསྟན་གླེགས་བམ་རྣམས།།
後枝光網承基上, 大圓續經論藏函,

ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་བཞིན་གསལ། །དེ་དག་བར་མཚམས་ཆོས་སྲུང་དམ་ཅན་སོགས།།
正自啊嘎聲韻朗, 枝間護法具誓等, 

སྐྱབས་ཡུལ་ཀུན་གྱིས་བསྐོར་ནས་བཞུགས་པར་བསྒོམ།།
皈依境眾坐繞觀。


蔣陽欽則旺波造, 佐欽堪布丹熷紮拉譯

沒有留言:

張貼留言