2019年5月31日 星期五

水施•悉地雨降

༈ ཆུ་གཏོར་བསྡུས་པ་དངོས་གྲུབ་ཆར་འབེབས།།
水施•悉地雨降

ཧྲཱིཿ
啥!

རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་གི །ཕྱག་ནས་ཡེ་ཤེ་བདུད་རྩིའི་ཆུ་རྒྱུན་གྱིས།།
自即聖者觀音之,手降本智甘露流,

ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་མཐའ་དག་ཀུན། །རབ་ཏུ་ཞི་ནས་བདེ་སྐྱིད་ལྡན་པར་ཤོག།
餓鬼饑渴諸苦皆,願極寂靜具福樂!



ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ   བརྒྱ་རྩ་བཟླས་ཤིང་། ཐེབ་གཅིག་གི་ནང་དུ་ཆུ་སྦྱིན་བྱ།
嗡 嘛呢悲美吽啥  (誦一百零八遍,於一小盤中作水施。)



ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་ནས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བསམ་ལ།
觀想餓鬼遠離饑渴之苦而具有寂靜菩提心。

རིན་ཆེནདགེ་ཚོགས་འདི་དག་གིས། །ལུས་ཅན་འགྲོ་བ་མཐའ་དག་ཀུན། །
願此大寶眾善而,一切具身行者皆,

མི་མཐུན་སྡུག་བསྔལ་ཀུན་བྲལ་ནས། །འགྲོ་རྣམ་ཕྱམ་ཅིག་སངས་རྒྱས་ཤོག །
遠離不利諸痛苦,一切眾生共成佛[1]!

སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །
諸惡莫作,眾善奉行,

རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན།
自凈其意,是諸佛教。



སྦྱིན་པ་རྒྱ་ཆེན་གྱུར་པ་འདི་ཡི་མཐུས། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་ཤིང་།།
以此廣大布施力     願諸眾生自成佛

སྔོན་བྱོན་རྒྱལ་བ་རྣམས་ཀྱིས་མ་གྲོལ་བའི། །སྐྱེ་བོའི་ཚོགས་རྣམས་སྦྱིན་པས་གྲོལ་གྱུར་ཅིག།
過去如來未度者     由此供施願得脫

ཨོཾ་  མ་འབྱོར་པ་དང་ཉམས་པ་དང་། །གཙོ་བོ་ནུས་པ་མ་མཆིས་པས།།
嗡  諸不圓滿及退失     無有能力之緣故

འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད།།
我此所有諸作為     請諸賓客悉忍受

ཨོཾ་བཛྲ་སཏྭ་སོགས།
(百字明誦一遍)



མཆོད་སྦྱིན་གནས་འདིར་གང་ལྷག་པ། །འབྱུང་པོ་ས་འོག་རྒྱུ་བ་དང་།།
臨供施處之諸眾     地下所行諸部多

གང་ཡང་ས་སྟེང་གནས་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ།།
並於地上所居者     空中所行亦皆然

མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། 
滿足而於己方所     一切部多各自歸

སརྦ་བྷུ་ཏ་གཙྪ། 
薩兒瓦 布達 該擦 (誦一遍,彈指一下)

回向:以普賢行願品做廣的回向。

ཅེས་པ་འདི་ནི་ཨུ་སག་ཀརྨ་ནས་ཡང་ཡང་བསྐུལ་ངོར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའམ་མིང་གཞན་བསྟན་འཛིན་འཇིགས་མེད་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།
此以厄曹噶瑪再再祈請之情故,第五世佐欽活佛特丹曲吉多吉或別名丹增吉美旺波造[2]。願善妙!

佐欽堪布丹熷紮拉譯


[1] 具身和行者皆為眾生之別名。但所立名角度有異故。
[2] 即第五世佐欽法王仁波切。

沒有留言:

張貼留言