2019年5月30日 星期四

蓮師伏藏法:蓮師七章祈請頌之歸攝


ལེའུ་བདུན་མ་བསྡུས་པ།
蓮師七章祈請頌之歸攝


ཨེ་མ་ཧོ༔
哎瑪吙!

ཐོག་མའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང༔  རྒྱལ་བ་རབ་འབྱམས་དཀྱིལ་འཁོར་ལོངས་སྤྱོད་རྫོགས༔

本初佛陀法身普賢王,無量勝者壇城圓受用,

གང་ལ་གང་འདུལ་གར་བསྒྱུར་སྤྲུལ་བའི་སྐུ༔  སྐུ་གསུམ་དབྱེར་མེད་ཨོ་རྒྱན་རིན་པོ་ཆེ༔

能調所調遊舞之化身,三身無二鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

སྣང་བ་མཐའ་ཡས་སངས་རྒྱས་འོད་དཔག་མེད༔  འཇིག་རྟེན་དབང་ཕྱུག་བྱམས་མགོན་སྤྱན་རས་གཟིགས༔

無量光明佛尊阿彌陀,世間自在慈怙觀世音,

དཀྱིལ་འཁོར་གཙོ་བོ་ཁྲག་འཐུང་ཧེ་རུ་ཀ༔  ཀུན་གྱི་བདག་ཉིད་ཨོ་རྒྱན་རིན་པོ་ཆེ༔

壇城主尊飲血嘿日噶,一切總體鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

དྷ་ན་ཀོ་ཤ་པདྨའི་གླིང་དུ་འཁྲུངས༔  ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་མཛད༔

降生達納郭夏蓮花洲,秉持鄔金法王之國政,

མངལ་སྐྱོན་མ་གོས་དྲི་མེད་སྤྲུལ་བའི་སྐུ༔  སྲིད་གསུམ་མཚུངས་མེད་ཨོ་རྒྱན་རིན་པོ་ཆེ༔

未受胎染無垢之化身,三有無倫鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

བསླབ་སྦྱངས་མཐར་ཕྱིན་འཛམ་གླིང་མཁས་པའི་མཆོག༔  བརྟུལ་ཞུགས་མཐར་ཕྱིན་མཁའ་འགྲོ་བྲན་དུ་འཁོལ༔

學達究竟南瞻智者首,禁行究竟役使空行仆,

སྒྲུབ་པ་མཐར་ཕྱིན་སྣང་སྲིད་དབང་དུ་བསྡུས༔  ཐམས་ཅད་མཁྱེན་པ་ཨོ་རྒྱན་རིན་པོ་ཆེ༔

修持究竟顯有自在攝,遍知一切鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

བོད་ཡུལ་དབུས་སུ་ལྷ་སྲིན་དམ་ལ་བཏགས༔  མངའ་བདག་རྒྱལ་པོའི་དགོངས་པ་རྫོགས་པར་མཛད༔

降服藏土諸神及羅剎,王之希求盡皆令圓滿,

སྐལ་ལྡན་མ་ལུས་རིག་འཛིན་ས་ལ་བཀོད༔  འགྲོ་བའི་འདྲེན་མཆོག་ཨོ་རྒྱན་རིན་པོ་ཆེ༔

具緣全部安置持明地,眾勝導者鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

ལས་ཅན་དོན་དུ་ཟབ་གཏེར་འབུམ་ཕྲག་སྦས༔  མངོན་སུམ་ཇི་བཞིན་ཕྱི་རབས་ལུང་བསྟན་མཛད༔

為有緣者深伏十萬藏,授記未來如對現前般,

འབྲལ་མེད་ཐུགས་རྗེས་སྐྱོང་བར་ཞལ་གྱིས་བཞེས༔  དུས་གསུམ་ཀུན་མཁྱེན་ཨོ་རྒྱན་རིན་པོ་ཆེ༔

大悲哺育不棄已承諾,三世遍知鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

འདི་ནས་རྔ་ཡབ་པདྨའི་གླིང་དུ་འགྲོ༔  ཚེས་བཅུ་བྱུང་རེས་བོད་དུ་འོང་ངོ་གསུངས༔

言於此地趨拂蓮花洲,逢初十日即回返藏地,

སྙིགས་མའི་སེམས་ཅན་མོས་དུང་བརྩེ་བ་ཅན༔  འགྲོ་བའི་སྐྱབས་མགོན་ཨོ་རྒྱན་རིན་པོ་ཆེ༔

於濁世眾具悲及深情,眾生救怙鄔金大寶尊,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

འཆི་མེད་རྡོ་རྗེ་ལྟ་བུའི་གོ་འཕང་བརྙེས༔  ལྷོ་ནུབ་གདུག་པ་སྲིན་པོའི་ཁ་ནོན་མཛད༔

無死金剛般之果位獲,西南兇殘羅剎作鎮伏,

རྒྱལ་བ་གཞན་ལས་ཐུགས་རྗེ་ངོ་མཚར་ཆེ༔  འགྲོ་ཀུན་སྐྱབས་གཅིག་ཨོ་རྒྱན་རིན་པོ་ཆེ༔

超他勝者大悲更稀奇,諸眾唯一皈處鄔金寶,

གསོལ་བར་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས༔  བྱིན་གྱིས་རློབས་ཤིག་ཐར་བའི་ལམ་སྣ་དྲོངས༔

祈請大悲眼目垂觀視,賜予加持引導解脫道!

འདི་ནས་བཟུངས་ཏེ་ཐར་པ་མ་ཐོབ་བར༔  རེ་བའི་སྐྱབས་གནས་གཞན་ན་མ་མཆིས་པས༔

於此時起直至未解脫,求及皈處無有其他故,

ཡེངས་མེད་ཐུགས་རྗེས་སྤྱན་གྱིས་བདག་ལ་གཟིགས༔  མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ༔

無不專注悲眼觀視我,殊勝共同悉地賜予我,

ཀ་དག་རིག་པའི་ངོ་བོ་མཐོང་ནས་ཀྱང་༔  མྱུར་དུ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔

本凈覺心本體現見而,賜予加持速同您一般!

薩瑪雅,嘉嘉嘉!


此《七章祈請頌歸攝》,蓮師伏藏於桑耶寺頂層三界銅室洲中,後由阿道年繞(即大伏藏師年熱巴堅•尼瑪沃色)取藏。誦此歸攝等同《蓮師七章祈請頌》全文。


佐欽堪布丹熷紮拉譯

沒有留言:

張貼留言