2022年6月20日 星期一

【淨除業障百咒功德】100.ཁྱད་པར་ཅན་གྱི་གསང་སྔགས། 殊勝密咒 (十六元音字母)

 

ལས་སྒྲིབ་རྒྱུན་གཅོད་ཀྱི་སྔགས་བརྒྱ་པ་བཞུགས་སོ།། 

ཡིད་བཞིན་ནོར་བུ་ཆེན་པོ་འདི་ཁོ་ནའོ།།


淨除業障百咒功德


ཀུན་མཁྱེན་མི་ཕམ་རིན་པོ་ཆེས།

麦彭仁波切·著

མཁན་པོ་བསོད་དར་རྒྱས་ཀྱིས་བསྒྱུར།

索達吉堪布·翻譯


ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཻ་ཨོ་ཨཽ་ཨཾ་ཨཿ  སྭཱ་ཧཱ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་འདི་ཤེས་རབ་ཀྱི་ཆ་འཛིན་པ། བཟླས་པ་ཙམ་གྱིས་སྡིག་པ་ཞི་ཞིང་སྔགས་འགྲུབ་པར་བྱེད་པ་སོགས་ཕན་ཡོན་ཆེན་པོ་སྟེ། རྫོགས་པ་ཆེན་པོའི་རྒྱུད་རྣམས་སུ་ཆོས་སྐུ་སྐྱེ་མེད་དུ་གྲོལ་བར་བྱེད་པའི་སྙིང་པོ་ཞེས་གསུང་ལ།


 阿阿 俄俄 鳴嗚 熱熱 樂樂  誒誒 沃沃 昂阿 索哈 此十六元音字母是受持智能分的咒語,僅僅念誦也能消除罪業、成就密咒等,功德廣大。大圓滿諸續部中稱之為能解脫於無生法身中的心咒。


རྡོ་རྗེ་གུར་ལས། ཐོག་མཐར་ཨོཾ་དང་སྭཱ་ཧཱ་བཞག་པའི་ཨཾ་གི་བར་གྱི་དབྱངས་བཅོ་ལྔ་པོ་བཟླས་པར་གསུངས་ཏེ། གང་ཞིག་འདས་པ་བསྐུལ་བར་བྱེད་པའི་རྒྱལ་བའི་སྲས་དེ་རྣམས་ཀྱི་ལག་ཏུ་བུད་མེད་ཀྱི་སྒྱུ་མའི་བདེ་བ་ཡང་དག་པར་གནས་ཀྱིས་འདུག་གོ་ཞེས་གསུངས་ཤིང་དེ་སོགས་རྣལ་འབྱོར་མ་དང་ལྷ་རྣམས་ཀྱི་ས་བོན་ཁྱད་པར་ཅན་གྱི་གསང་སྔགས་སོ།།


《金剛帷幕續》中云:“除開初終加嗡、索哈,念誦昂之間十五元音,依此咒勸請之諸佛子手中真實安住女幻大樂。”此等均說明它是一切瑜伽母與本尊的殊勝密咒。


ཡེ་ཤེས་དྲི་མེད་ཀྱིས་བསྒྲིགས།

益西智麥編

沒有留言:

張貼留言